Loading
སེམས་རྟོགས་ཁ། +975-17631743

Academic

སྦྱོང་འཐུས་ལམ་ལུགས།

སེམས་རིག་སྨྲ་བའི་དབང་ཕྱུག་གི་ཤེས་ཡོན་འདི་ ལོ་ངོ་བཞི་གི་སློབ་སྦྱོང་ལས་རིམ་ཨིན། སློབ་ སྦྱོང་ལས་རིམ་དེ་ མཇུག་བསྡུ་ནི་ན་ལུ་སྦྱོང་འཐུས་དང་དུས་རྒྱུན་དབྱེ་ཞིབ་དང་ སློབ་དུས་ཆོས་ རྒྱུགས་ཚུ་ག་དེ་སྦེ་དགོཔ་ཨིན་ན་རྩ་གཞུང་བཀོད་རིས་ན་ལུ་ འཐབ་ནི་ཨིན


དབྱེ་ཞིབ་ཀྱི་ཐབས་ལམ།

སེམས་དོན་རིག་པའི་སྤེེལ་ཁང་ནང་ དབྱེ་ཞིབ་ཀྱི་ཐབས་ལམ་འདི་ དྲང་བདེན་དང་དྭངས་གསལ་ གྱིི་ཐོག་ལས་འབདཝ་ཨིན། སློབ་ཕྲུག་ཚུ་གིས་ རིག་གཞུང་དང་ ཨིང་སྐད་ཀྱི་ཆོས་ཚན་གཉིས་ ཆ་རའི་ དུས་རྒྱུན་དབྱེ་ཞིབ་དང་ སློབ་དུས་ཆོས་རྒྱུགས་ནང་ ཚང་དགོ་པའི་ཁྱད་ཚད་ཚུ་ ངེས་ པར་དུ་ཚང་དགོ། དུས་རྒྱུན་དབྱེ་ཞིབ་རྐྱངམ་ཅིག་ཨིན་མི་སྦྱོང་ཚན་ཚུ་ནང་ དམིགས་བསལ་སྦེ་ འབད་ཆོག།


དུས་རྒྱུན་དབྱེ་ཞིབ།

དུས་རྒྱུན་དབྱེ་ཞིབ་འདི་ དུས་དང་དུས་སུ་ སློབ་ཕྲུག་ཚུ་ལུ་ རྩ་གཞུང་དང་འཁྲིལ་ཏེ་ ལས་སྣ་སྣ་ ཚོགས་ ལས་འགུལ་དང་ གསལ་ཞུ་ལ་སོགས་པ་ཚུ་བྱིན་ཐོག་ལས་ སློབ་ཕྲུག་ཚུ་གི་ཤེས་ཚད་ དབྱེ་ཞིབ་འབད་ནིའི་ཐབས་ལམ་ཅིག་ཨིན། སེམས་དོན་རིག་པའི་སྤེེལ་ཁང་གིས་ དབྱེ་ཞིབ་ཚུ་ དང་གསལ་དང་ དྲང་བདེན་སྦེ་འབད་ནིའི་དོན་ལུ་ ཨང་ཅན་ལག་ཆས་ (VLE) ཚུ་ཡང་ལག་ ལེན་འཐབ་ཨིན།


སློབ་དུས་ཆོས་རྒྱུགས།

སློབ་དུས་ཆོས་རྒྱུགས་ཚུ་ སློབ་དུས་གཅིག་གི་དབྱེ་ཞིབ་ཐབས་ལམ་ཅིག་ཨིན། སློབ་ཕྲུག་ཚུ་ ལུ་ ཤེས་ཡོན་སྦྱང་བརྩོན་གྱིི་དབྱེ་ཁག་སོ་སོ་ཚུ་ནང་ ངེས་པར་དུ་ གོང་འཕེལ་སྣ་ཚོགས་གཏང་ ནིའི་དོན་ལུ་ Bloom’s Taxonomy ནང་ལས་སྟོན་པའི་རིག་རྩལ་དྲུག་དང་ དྲི་བ་བཟོ་ནིའི་ ཐབས་ལམ་གཞན་ཚུ་ ལམ་སྟོན་གྱིི་གཞི་རྩ་སྦེ་ ལག་ལེན་འཐབ་ཨིན།


སྐུགས་ཚད་བྱིན་ནིའི་རིམ་ལུགས།

དབྱེ་ཞིབ་འབད་བའི་སྐབས་ སྤེེལ་ཁང་གིས་ དང་གསལ་དང་ དྲང་བདེན་ དེ་ལས་ བརྟན་ཏོག་ཏོ་ ཡོདཔ་ངེས་བརྟན་བཟོ་ནིའི་དོན་ལུ་བརྩམས་ཡོད་པའི་ གནས་ཚད་དང་ལྡན་པའི་སྐུགས་བྱིན་ནིའི་ ཐབས་ལམ་ཚུ་དང་བསྟུན་འདི་ འབདཝ་ཨིན། ཁ་གསལ་གྱིི་དོན་ལུ་ གཤམ་ལུ་ཡོད་པའི་བཀོད་ ཁྲམ་འདི་གཟིགས་གནང་།



དབྱེ་ཞིབ་ཐབས་ལམ།

དབྱེ་ཞིབ་དང་གསལ་དང་དྲང་བདེན།

དུས་རྒྱུན་དབྱེ་ཞིབ་དང་ སློབ་དུས་ཆོས་རྒྱུགས་ཀྱི་དབྱེ་ཞིབ་འདི་ དང་གསལ་དང་ དྲང་བདེན་ ཡོདཔ་ངེས་བརྟན་བཟོ་ནིའི་དོན་ལུ་ སྤེེལ་ཁང་གིས་ གཤམ་གསལ་གྱིི་བྱ་རིམ་ཚུ་ བཟོ་ཞིནམ་ ལས་ དེ་དང་བསྟུན་འདི་འབདཝ་ཨིན།


བརྟག་དཔྱད།

སྤེེལ་ཁང་ནང་འཁོད་ཀྱི་བརྟག་དཔྱད་ནང་ལུ་ གཤམ་གསལ་ཚུ་ཚུདཔ་ཨིན།

ཀ༽ དུས་རྒྱུན་དབྱེ་ཞིབ་དང་སློབ་དུས་ཆོས་རྒྱུགས་ (ཆོས་རྒྱུགས་ཀྱི་དྲི་བའི་བཀོད་རིས་དང་ དྲི་བའི་ལན་ལུ་དབྱེ་ཞིབ) དབྱེ་ཞིབ་ཀྱི་རིགས་ཚུ་ག་ར་ རྩ་གཞུང་ནང་བཀོད་ཡོད་པའི་སྦྱོང་ཚན་ སོ་སོའི་ སློབ་སྦྱོང་གི་དམིགས་ཡུལ་དང་ གྲུབ་འབྲས་གཞིར་བཞག་ཡོདཔ་ངེས་བརྟན་བཟོ་ནི།

ཁ༽ གོང་ལུ་བཀོད་ཡོད་པའི་ དབྱེ་ཞིབ་ཀྱི་རིགས་ཚུ་གི་དོན་ལུ་དྲང་བདེན་དང་རྒྱུན་བརྟན་གྱིི་ དོན་ལས་རྩ་གཞུང་གི་དགོས་མཁོ་དང་འཁྲིལ་དབྱེ་ཞིབ་སྐུགས་ཀྱི་ཚད་གཞི་ཡོད་མེད་འབྲེལ་ ཡོད་སྡེ་ཚན་གྱིི་བསྐྱར་ཞིབ་འབད་ནི།

ག༽ རིག་གཞུང་དང་ དབྱིན་སྐད་ཆོས་ཚན་གྱིི་དུས་རྒྱུན་དབྱེ་ཞིབ་དང་སློབ་དུས་ཆོས་རྒྱུགས་ ནང་བརྒྱ་ཆ་མཐོ་ཤོས་དང་ཆ་སྙོམས་དམའ་ཤོས་ཐོབ་མི་ཚུ་དབྱེ་ཞིབ་འབད་བའི་སྐབས་ གནས་ ཚད་དང་མཐུན་པ་དང་བརྟན་ཏོག་ཏོ་སྦེ་འབད་ཡོདཔ་ངེས་བརྟན་བཟོ་ནིའི་དོན་ལུ་འབྲེལ་ཡོད་སྡེ་ ཚན་གྱིིས་བརྟག་དཔྱད་འབད་ནི།

ང༽ ནང་འཁོད་བརྟག་དཔྱད་འདི་སྦྱོང་ཚན་སློབ་སྟོན་པ་མེན་པའི་སྦྱོང་ཚན་གྱིི་སྐོར་ལས་ཉམས་ མྱོང་ཡོད་མི་ སློབ་སྟོན་པ་ཉུང་མཐའ་གཉིས་ཡོད་པའི་ཚོགས་ཆུང་གིས་འབད་ནི།

ཅ༽ གལ་སྲིད་སྐུགས་འདི་བརྟན་ཏོག་ཏོ་སྦེ་མ་བྱིནམ་སྦེ་ཐོན་པ་ཅིན་དབྱེ་ཞིབ་ཐེངས་གཉིས་ པ་འབད་ནིའི་རྒྱབ་སྣོན་འབད་ནི།

ཆ༽ གལ་སྲིད་ ཁྱད་ཚད་དེ་ར་ལག་ལེན་འཐབ་སྟེ་ སློབ་སྟོན་པ་གཉིས་ཀྱིས་དབྱེ་ཞིབ་འབད་ བའི་སྐབས་སྐུགས་ཚད་ཀྱི་ཁྱད་པར་བརྒྱ་ཆ་ ༤% ལས་ལྷག་སྟེ་འཐོན་པ་ཅིན་དབྱེ་ཞིབ་འབད་ མི་ གསུམ་པ་ཅིག་གིས་ མཐའ་མཇུག་གི་སྐུགས་ཚད་འདི་ཐག་བཅད་ནི།

ཇ༽ ནང་འཁོད་དབྱེ་ཞིབ་འབད་བའི་སྐབས་སློབ་དུས་ཆོས་རྒྱུགས་དང་འབྲེལ་བའི་ སྟབས་མ་བདེཝ་ཚུ་ ཆོས་རྒྱུགས་དང་སློབ་ཕྲུག་ཐོ་བཀོད་ཡིག་ཚང་གིས་བསལ་ནི་དང་། དུས་རྒྱུན་དབྱེ་ ཞིབ་དང་འབྲེལ་བའི་སྟབས་མ་བདེཝ་ཚུ་ ཤེས་ཡོན་ཚོགས་ཆུང་ཀྱིས་བསལ་ནི།

ཉ༽ སྐུགས་ཚད་ཚུ་ ཆོས་རྒྱུགས་དང་སློབ་ཕྲུག་ཐོ་བཀོད་ཡིག་ཚང་གི་སྲིད་བྱུས་དང་ ཤེས་ ཡོན་སྒྲིག་གཞི་ནང་ཚུད་ཡོད་པའི་སྐུགས་ཚད་ཀྱི་ལམ་ལུགས་ལྟར་དུ་བྱིན་ཡོདཔ་ངེས་བརྟན་ བཟོ་ནི།

Request a Document